ཕབ་ལེན་གནང་རོགས།གསུབ་ཆས་ནི་སྒེའུ་ཁུང་མ་ལག་གི་ཆེད་དུ་བཟོས་པའི་ཚད་མཐོ་བའི་བདེ་འཇགས་ཀྱི་ཡོ་ཆས་ཤིག་ཡིན་ལ། དེས་ཁྱེད་ཀྱི་གློག་ཀླད་སྟེང་གི་ཡིག་ཆ་རིགས་གཏན་དུ་གཙང་བཟོ་བྱེད་ཀྱི་ཡོད།
བཟོ་སྐྲུན་པ།:
གསུབ་ཆས།
གཞུང་ཕྱོགས་དྲ་ཚིགས།:
https://eraser.heidi.ie
རྒྱལ་ཁབ།:
xxxxxxxx
ཐོབ་ཆ།:
4.7
གསུབ་ཆས་ནི་སྒེའུ་ཁུང་མ་ལག་གི་ཆེད་དུ་བཟོས་པའི་ཚད་མཐོ་བའི་བདེ་འཇགས་ཀྱི་ཡོ་ཆས་ཤིག་ཡིན་ལ། དེས་ཁྱེད་ཀྱི་གློག་ཀླད་སྟེང་གི་ཡིག་ཆ་རིགས་གཏན་དུ་གཙང་བཟོ་བྱེད་ཀྱི་ཡོད། ཁྱེད་ཀྱིས་སྙིགས་སྣོད་སྟོང་པ་བཟོས་པ་ཙམ་གྱིས།གློག་ཀླད་ཀྱི་མཁྲེགས་ཆས་ནང་ནས་ཡིག་ཆ་དེ་དག་བདེ་འཇགས་ངང་གཙང་གསུབ་བྱས་མེད། དེར་བརྟེན། ཡིག་ཆ་དེ་དག་བསྐྱར་གསོ་བྱེད་ཐུབ། ཡིན་ནའང་། གསུབ་ཆས་ཀྱིས་ཡིག་ཆ་དེ་དག་བདེ་འཇགས་དང་ཞིབ་ཚགས་ཀྱི་སྒོ་ནས་གཙང་གསུབ་བྱེད་ཀྱི་ཡོད། གསུབ་ཆས་ནུས་ལྡན་ཡིན་ཀྱང་། ཐེངས་དང་པོར་སྒོ་འབྱེད་དུས་བེད་སྤྱོད་གཏོང་ལས་སླ་པོ་མེད། གསུབ་ཆས་དུས་ཚོད་རེའུ་མིག་གི་སྟེང་དུ་མནན་པ་ཡིན་ན། དེས་ཁྱེད་ལ་འགོ་འཛུགས་བྱེད་དུ་འཇུག་ངེས། དང་ཐོག་ཁྱེད་ཀྱིས་ཐོ་གཞུང་གི་ཁོངས་ནས་ལས་ཀའི་རིགས་ཤིག་འདེམས། གཞི་གྲངས་ཁ་སྣོན་གྱི་སྒང་ལ་མནན་པ་ཡིན་ན། དེས་ཁྱེད་རང་ལ་གསུབ་འདོད་པའི་ཡིག་ཆ་དེ་འདེམས་སུ་འཇུག ལས་ཀའི་ཆ་ཤས་དེ་སྟབས་བདེ་པོ་ཡིན། གསུབ་ཆས་ཀྱི་ནང་དུ་ ཡིག་ཆ་ཞིག་གམ།ཡིག་སྣོད། བེད་སྤྱོད་བཏང་མེད་པའི་སྟོང་ཆའི་རིགས། སྙིགས་སྣོད་སོགས་འདེམས་ཏེ། OK་སྒང་ལ་མནན་ཏེ། གཙང་གསུབ་བྱེད་དགོས།